网站首页 新闻中心 机构概况 信息公开 政务服务 互动交流
当前位置: 首页>新闻中心>业务信息>普法与依法治理

拉萨这三家企业被列入黑名单

作者: 西藏商报 编辑: 发布时间: 2020-05-08

ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། གླ་ཆ་ཆད་འགྱངས་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་པའི་གླ་ཆ་ཆད་འགྱངས་བྱས་པའི་གནད་དོན་བཅོས་སྒྲིག་ལས་དོན་ཏན་ཏིག་སྒྲུབ་པ།  ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་སྐོར་གྱི་“མིང་ཐོ་ནག་པོའི་”དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བ། ཁྲིམས་འགལ་གྱིས་གླ་ཆ་ཆད་འགྱངས་བྱས་པ་དང་ཁ་དན་ཚིག་ལ་མི་གནས་མཁན་གྱི་ཡིད་རྟོན་ཤོར་བའི་མི་སྤྱོད་ཚན་པར་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་ཆེད། ཅུད་དེས་ངལ་རྩོལ་པའི་གླ་ཆ་ཆད་འགྱངས་བྱེད་མཁན་གྱི་ཁེ་ལས་གསུམ་ཡོངས་བསྒྲགས་བྱས་འདུག 

近日,记者从拉萨市人社局了解到,为依法维护劳动者合法权益,加大对拖欠工资等违法犯罪行为的惩戒力度,切实做好治欠保支工作,规范拖欠农民工工资“黑名单”管理工作,加强对拖欠工资违法失信用人单位的惩戒,维护劳动者合法权益,该局公布了一批恶意拖欠工资企业。

ད་རེས་ཀྱི་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་སྐོར་གྱི་“མིང་ཐོ་ནག་པོའི”ནང་བཅུག་པའི་ཁེ་ལས་གསུམ་པོ་ནི་བོད་ལྗོངས་ཅཱ་དབྱི་ཁྲེང་ཨར་སྐྲུན་ངལ་ནུས་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཐན་ཧྲེང་ཅཱ་ཧེ་མཛེས་རྒྱན་ལས་གྲྭ་འཆར་འགོད་ཚད་ཡོད་ཀུང་སི།  བོད་ལྗོངས་ཡོན་ཀྲེང་ཐུམ་སྒྲིལ་ཚད་ཡོད་ཀུང་སི་བཅས་ཡིན་ཞིང་། བོད་ལྗོངས་ཅཱ་དབྱི་ཁྲེང་ཨར་སྐྲུན་ངལ་ནུས་ཚད་ཡོད་ཀུང་སི་“མིང་ཐོ་ནག་པོའི་”ནང་བཅུག་པའི་རྒྱུ་མཚན་ནི། བརྟག་དཔྱད་བྱས་པ་བརྒྱུད། ཀུང་སི་དེས་ཨར་ཁང་ག་གེ་མོ་མཛེས་བཟོ་བྱས་པའི་ལས་མིའི་གླ་ཆ་སྒོར་ཁྲི་༢༤ཆད་འགྱངས་བྱས་ཡོད་པ་རེད། སྤྱི་ལོ་༢༠༡༩ལོའི་ཟླ་༡༠ནས་བཟུང་ཀུང་སི་དེའི་ཁྲིམས་ཚབ་པས་བརྟག་དཔྱད་ཐག་གཅོད་བྱ་རྒྱུར་དང་ལེན་མ་བྱས་པ་དང་། ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་དོགས་གཞི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱེད་སྐབས་ད་དུང་ལས་མི་༤༧གྱི་གླ་ཆ་སྒོར་༡༥༡༦༦༥ཆད་འགྱངས་བྱས་ཡོད་པ་རེད། 

本次被列入拖欠农民工工资“黑名单”的企业共有三家,分别是西藏嘉一诚建筑劳务有限公司、西藏天盛嘉合装饰工程设计有限公司、西藏远征包装有限公司。其中,西藏嘉一诚建筑劳务有限公司列入“黑名单”的事由是,经查,该公司拖欠某酒店装修项目各班组工资达24万元。自2019年10月开始,该公司法定代表人拒绝配合调查处理,截至以涉嫌拒不支付劳动报酬犯罪移送公安机关时,仍拖欠47人工资总计151665元。

བོད་ལྗོངས་ཐན་ཧྲེང་ཅཱ་ཧེ་མཛེས་རྒྱན་ལས་གྲྭ་འཆར་འགོད་ཚད་ཡོད་ཀུང་སི་“མིང་ཐོ་ནག་པོའི་”ནང་བཅུག་པའི་རྒྱུ་མཚན་ནི། བརྟག་དཔྱད་བྱས་པ་བརྒྱུད། ཀུང་སི་དེས་ལས་མི་༤ཡི་གླ་ཆ་སྒོར་༤༤༦༨༥ཆད་འགྱངས་བྱས་རྐྱེན།  ཁྲིམས་ལུགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར། གྱོད་གཞི་འདི་ངལ་རྩོལ་པའི་གླ་ཆ་མི་སྤྲོད་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་མིང་ཐོག་ནས་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་རེད། 

西藏天盛嘉合装饰工程设计有限公司列入“黑名单”的事由是,经查,该公司拖欠4名员工工资,查实拖欠金额44685元。根据相关法律法规已将该案以涉嫌拒不支付劳动报酬犯罪移送公安机关。

བོད་ལྗོངས་ཡོན་ཀྲེང་ཐུམ་སྒྲིལ་ཚད་ཡོད་ཀུང་སི་“མིང་ཐོ་ནག་པོའི་”ནང་བཅུག་པའི་རྒྱུ་མཚན་ནི། བརྟག་དཔྱད་བྱས་པ་བརྒྱུད། ཀུང་སི་དེས་མིག་དམར་དབྱང་ཆེན་སོགས་ལས་མི་༢༧གྱི་གླ་ཆ་སྒོར་༧༤༣༨༧༥ཆད་འགྱངས་བྱས་རྐྱེན། ཁྲིམས་ལུགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར། གྱོད་གཞི་འདི་ངལ་རྩོལ་པའི་གླ་ཆ་མི་སྤྲོད་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་མིང་ཐོག་ནས་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་རེད། 

西藏远征包装有限公司列入“黑名单”的事由是,经查,该公司拖欠米玛央金等29名员工工资总计达743875元。根据相关法律法规已将该案以涉嫌拒不支付劳动报酬犯罪移送公安机关。

ལྷ་ས་གྲོང་ཁྱེར་མི་སྤྱི་ཅུད་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་དོན། 《ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་སྐོར་གྱི་“མིང་ཐོ་ནག་པོའི་”དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》དང་། 《ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཚབས་ཆེན་བྱས་པའི་མི་སྤྱོད་ཚན་པ་དང་དེའི་འབྲེལ་ཡོད་མི་སྣར་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་རྒྱུའི་སྐོར་གྱི་མཉམ་ལས་དྲན་ཐོའི་》གཏན་འབེབས་གཞིར་བཟུང་། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་སྐོར་གྱི་“མིང་ཐོ་ནག་པོའི་”ནང་ཚུད་པའི་ཁེ་ལས་དང་དེའི་འབྲེལ་ཡོད་མི་སྣར་སྲིད་གཞུང་གིས་མ་དངུལ་རྒྱབ་སྐྱོར་དང་། སྲིད་གཞུང་གི་ཉོ་སྒྲུབ། འོས་འགུག་དང་འོས་དཔོད། ཐོན་སྐྱེད་ཆོག་འཐུས། འོས་ཐོབ་ཞིབ་བཤེར། དངུལ་བུན་གཡར་བ། ཁྲལ་བསྡུའི་གཟིགས་སྐྱོང་། དེ་བཞིན་འགྲིམ་འགྲུལ་འགྲོ་སྐྱོད་དང་འཛད་སྤྱོད་ཆེ་བ་སོགས་ཀྱི་ཐད་ཁྲིམས་ལྟར་ཚོད་འཛིན་ཕོག་གི་ཡོད་པ་རེད། 

拉萨市人社局工作人员介绍,根据《拖欠农民工工资“黑名单”管理暂行办法》、《关于对严重拖欠农民工工资用人单位及其有关人员开展联合惩戒的合作备忘录》的规定,列入拖欠农民工工资“黑名单”的单位及相关人员将在政府资金支持、政府采购、招投标、生产许可、资质审核、融资贷款、税收优惠以及交通出行、高消费等方面依法受到限制。